ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་དོན་ངོ་སྤྲོད་བྱེད་པའི་སྐབས་རྒྱ་གཞུང་གི་མི་སྣས་འགོག་རྐྱེན་བཟོ་རྩིས་བྱས་པར་ལམ་ལྷོང་བྱུང་མེད་པ།



སུད་སིའི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༤པ་འཚོགས་བཞིན་པ་ཡིན་པས་ ལྷན་ཚོགས་དེའི་ཞོར་དུ་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་ ཟུར་ཉན་ལྷན་ཚོགས་ཤིག་གནང་ཡོད་པ་དེ་སྐབས་ ལྷན་ཚོགས་དེ་གཙོ་སྐྱོང་གནང་མཁན་ངག་དབང་ཆོས་འཕེལ་ལགས་ཀྱིས་ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བརྙན་པར་དང་ པར་རིས་སོགས་ཀྱི་ལམ་ནས་གནས་ཚུལ་ངོ་སྤྲོད་གནང་བར་ རྒྱ་ནག་གཞུང་གི་ལས་བྱེད་རྒྱ་རིགས་བུད་མེད་གཅིག་གིས་འགོག་རྐྱེན་བཟོ་རྩིས་བྱས་ཀྱང་ལམ་ལྷོང་མ་བྱུང་བར་ ལས་བྱེད་དེ་ངོ་ཚ་ཁ་སྐྱེངས་ཆེན་པོ་བྱུང་ཡོད་པའི་སྐོར་ བུད་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ཞིག

XS
SM
MD
LG