ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟླ་བ་གསུམ་གྱི་གོང་དུ་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཕག་གེན་ཧེ་ཁྲིམས་ལ་སྦྱོར་དགོས་པའི་གྲོས་ཆོད་བཞག་པ་དང་། དེ་རིང་ཕྱི་ཟླ་༣་ཚེས་༡༠་ཉིན་ལྷོ་ཀོ་རི་ཡའི་ཆེས་མཐོ་ཁྲིམས་ཁང་གིས་སྲིད་འཛིན་ཕག་གེན་ཧེས་ལྐོག་ཟ་དང་ཁྲིམས་འགལ་བྱས་ཡོད་ཅིང་། ཁོང་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་གཏོང་དགོས་ཞེས་ཐག་གཅོད་བྱས་ཏེ། སྲིད་འཛིན་ཕག་གེན་ཧེའི་མཉམ་དུ་ལྷོ་ཀོ་རི་ཡའི་སམ་སང་གློག་ཆས་བཟོ་ཚོང་གི་འགོ་ཁྲིད་ལའང་བཙོན་འཇུག་གི་ཉེས་པ་ཕོག་འདུག ད་ནས་ཟླ་བ་གཉིས་ཀྱི་ནང་ཚུད་དུ་ལྷོ་ཀོ་རི་ཡར་སྲིད་འཛིན་གསར་པ་ཞིག་འོས་འདེམས་བྱ་དགོས་པ་དང་། སྲིད་འཛིན་ཕག་གེན་ཧེ་ནི་ལྷོ་ཀོ་རི་ཡའི་བུད་མེད་སྲིད་འཛིན་དང་པོ་ཡིན་པ་མ་ཟད། ཁོང་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་འཛིན་གནས་དབྱུང་བཏང་བའང་དང་པོ་ཡིན་ཞིང་། འདས་པའི་ཟླ་བ་མང་པོར་ལྷོ་ཀོ་རི་ཡའི་མི་མང་ཁྲི་ཚོ་མང་པོས་སྲིད་འཛིན་ཕག་གེན་ཧེ་ལ་ངོ་རྒོལ་བྱས་པ་དང་། མི་མང་ཁག་ཅིག་གིས་སྲིད་འཛིན་ཕག་གེན་ཧེ་ལ་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ལ་ཟིང་ཆ་ཆེན་པོ་ལངས་ཡོད་པ་རེད།།

XS
SM
MD
LG