ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

མ་ལེ་ཞི་ཡའི་སྤྱི་དམངས་ཁག་ཅིག་བྱང་ཀོ་རི་ཡས་བཙན་འགོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་མ་མི་གཅིག་པའི་ཕུ་བོ་ཀིམ་ཇུང་ནམ་མ་ལེ་ཞི་ཡའི་རྒྱལ་སྤྱིའི་གནམ་ཐང་དུ་བསད་པ་དང་། མ་ལེ་ཞི་ཡའི་གཞུང་གིས་མི་བསད་པའི་དོན་རྐྱེན་དེའི་རྒྱབ་ཏུ་བྱང་ཀོ་རི་ཡའི་སྲིད་གཞུང་ཡོད་ཅེས་སྐྱོན་འཛུགས་བྱས་ཏེ། ཁ་སང་གཟའ་ཟླ་བའི་ཉིན་མ་ལེ་ཞི་ཡར་བཅའ་སྡོད་བྱང་ཀོ་རི་ཡའི་གཞུང་ཚབ་པ་རང་ཡུལ་ལ་ཕྱིར་ཕུད་བྱས་ཡོད་ཅིང་། དེ་རིང་ཕྱི་ཚེས་༧་ཉིན་བྱང་ཀོ་རི་ཡའི་གཞུང་གིས་རང་གི་ས་ཐོག་ཏུ་ཡོད་པའི་མ་ལེ་ཞི་ཡའི་སྤྱི་དམངས་རྣམས་གནས་སྐབས་རིང་རང་ཡུལ་ལ་ཕྱིར་ལོག་བྱ་མི་ཆོག མ་ལེ་ཞི་ཡའི་རྒྱལ་སྤྱིའི་གནམ་ཐང་དུ་མི་བསད་པའི་དོན་རྐྱེན་བྱུང་བར་རྩད་གཅོད་གསལ་བོ་ཞིག་བྱ་དགོས་ཞེས་བཤད་མོད། འོན་ཀྱང་མ་ལེ་ཞི་ཡའི་གཞུང་གིས་བྱང་ཀོ་རི་ཡའི་གཞུང་ཚབ་ཁང་དུ་སྐུང་ཡོད་པའི་མི་གསུམ་ལ་འདྲི་གཅོད་བྱ་དགོས་པ་དང་། ཁོ་ཚོ་ཀིམ་ཇུང་ནམ་བསད་པའི་གྱོད་གཞི་ལ་འབྲེལ་བ་ཡོད་སྲིད་པའི་དོགས་པ་ཡོད། བྱང་ཀོ་རི་ཡའི་གཞུང་ཚབ་ཁང་གིས་མི་དེ་ཚོ་ངེས་པར་དུ་མ་ལེ་ཞི་ཡའི་ཉེན་རྟོག་པར་རྩིས་སྤྲོད་བྱ་དགོས་ཞེས་ནན་བརྗོད་བྱས་པ་དང་། ད་ལྟ་མ་ལེ་ཞི་ཡའི་ཉེན་རྟོག་པ་ཚོས་བྱང་ཀོ་རི་ཡའི་གཞུང་ཚབ་ཁང་སྐོར་གཡེང་བྱས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད། །

XS
SM
MD
LG