ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གིས་རྡོ་སོལ་ནང་འདྲེན་བཀག་པར་བྱང་ཀོ་རི་ཡས་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བདུན་ཕྲག་འདི་ནས་རྒྱ་ནག་གིས་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་པ་དང་། ཁ་སང་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་གཞུང་གིས་རྒྱ་ནག་ལ་རྒོལ་གཏམ་དྲག་པོ་བཏང་ཡོད་པ་སྟེ། བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་དེའི་ནང་དུ་རྒྱ་ནག་ཅེས་དངོས་སུ་མིང་འབོད་མ་བྱས་མེད་མོད། ཡིན་ནའང་བྱང་ཀོ་རི་ཡས་ཁྱིམ་མཚེས་རྒྱལ་ཁབ་དེས་ང་ཚོར་གྲོགས་པོ་ཡིན་ཞེས་བཤད་ཀྱིན་ཡོད་པ་དང་། ཁོ་ཚོ་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པའང་སྟོན་བཞིན་ཡོད། ཡིན་ནའང་ཁོ་ཚོས་ཨ་མི་རི་ཀའི་རྔ་ལ་བསྟུན་ནས་འཆམ་རྒྱག་གི་ཡོད་ཅིང་། རྒྱལ་ཁབ་དེས་རང་སྐྱོན་ལེགས་ཕྱོགས་སུ་བསྒྱུར་པར་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་བྱས་ཀྱང་བྱང་ཀོ་རི་ཡའི་མི་དམངས་ཀྱི་འཚོ་བར་གནོད་སྐྱོན་ཕོག་མེད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཡར་རྒྱས་གཏོང་གི་ཡོད་པ་འགོག་ཐབས་སུ་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་པ་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་པ་དང་། ཁོ་ཚོ་འགྲོ་བ་མིའི་སྤྱོད་ཚུལ་ལ་མི་མཐུན་པའི་སྲིད་ཇུས་ལག་ལེན་བསྟར་པའམ། ཡང་ན་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་བའི་ཚོང་ལས་བཀག་སྡོམ་བྱ་རྒྱུ་དེར་ཐེ་ཚོམ་མེད་ཅེས་སྐྱོན་བརྗོད་དྲག་པོ་བྱས་འདུག

XS
SM
MD
LG