ངོ་འཕྲད་བདེ་བའི་དྲ་འབྲེལ།

དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་བརྒྱུད་པའི་སྨོན་ལམ་དབུ་འཛུགས་གནང་ཡོད་པ།


དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གཟའ་མིག་དམར་གྱི་ཉིན་འཁོར་ལོ་བདེ་མཆོག་གི་སྟ་གོན་གནང་བའི་ལམ་ནས་འདི་ལོའི་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་༣༤པ་དེ་དབུ་འཛུགས་གནང་ཡོད་ཅིང་། སྨོན་ལམ་འདིའི་ནང་བོད་དང་། ཧི་མ་ལ་ཡ་རི་བརྒྱུད་ཀྱི་མི་མང་། དེ་བཞིན་རྒྱ་ནག་དང་། ཐེ་ཝན། ཉི་ཧོང་དང་ཡུ་རོབ། ཨ་མི་རི་ཀ་སོགས་འཛམ་གླིང་གི་ས་ཕྱོགས་ཀུན་ནས་ཆོས་ཞུ་བ་སྟོང་ཕྲག་མང་པོ་ཕེབས་ཞུགས་གནང་ཡོད་པ་སོགས་ཀྱི་སྐོར་ལ་ཕུན་ཚགས་ཚེ་རིང་ལགས་ཀྱིས་མཚུར་ཕུ་བླ་བྲང་གི་འགན་འཛིན་སྐུ་ཞབས་རྒྱལ་མཚན་བསོད་ནམས་ལཌ་ལ་གནས་འདྲི་ཞུས་ཏེ་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་གྱི་རེད།།

XS
SM
MD
LG