ངོ་འཕྲད་བདེ་བའི་དྲ་འབྲེལ།

དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་གསར་པ་ཞིག་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད།


བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རྣམས་ཀྱིས་ཁེ་ལི་ཕོར་ནི་ཡ་མངའ་སྡེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གསར་པ་སྐུ་ཞབས་ས་ལུཏ་ཀར་བྷ་ཇལ་དང་མཇལ་མོལ་གནང་སྟེ། བོད་དོན་ངོ་སྤྲོད་གནང་ཡོད་འདུག སྐུ་ཚབ་དོན་གཅོད་དང་གྲོས་ཚོགས་འཐུས་མིའི་མཇལ་འཛོམ་ཚོགས་འདུ་དེ་ཨ་མི་རི་ཀའི་ནུབ་མཚོ་ཁའི་གྲོང་ཁྱེར་སན་ཊ་བར་བ་ར་ཁུལ་ལ་གནས་འཁོད་ཐེ་པོ་རིན་པོ་ཆེ་མཆོག་གིས་གོ་སྒྲིག་གནང་བ་ཞིག་ཡིན་པའི་སྐོར་རིག་འཛིན་གྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་གྱི་རེད།

XS
SM
MD
LG