ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་ནས་སྲིད་འཛིན་འགན་བཞེས་གནང་བའི་རྗེས་སུ་གཞུང་འཛིན་སྲིད་ཇུས་ལ་འགྱུར་ལྡོག་དང་པོའི་ཁོངས་སུ་ཨ་རི་དེ་བཞིན་ཞི་བདེ་རྒྱ་མཚོའི་མཐུན་ཕྱོགས་ནས་ཕྱིར་འཐེན་གནང་ཡོད་པ་དེས་རྒྱ་ནག་ལ་མངའ་ཁུལ་དེའི་ནང་དཔལ་འབྱོར་དང་ཚོང་འབྲེལ་ཐད་ཨ་རིའི་ཚབ་བྱེད་པའི་གོ་སྐབས་སྤྲོད་སྲིད་པ་དང་ཡང་སྲིད་འཛིན་ཁྲ་རམ་གྱི་ཚོང་འབྲེལ་དང་ཡུལ་བབ་ཀྱི་སྲིད་ཇུས་ལ་འགྱུར་བ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དང་ཐའེ་ཝན་གྱི་གནད་དོན་ལའང་ཤུགས་རྐྱེན་འཐེབ་རྒྱུ་ཡིན་པ་སོགས་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་ཡོད་པ་དང་ སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་ནས་ཞི་བདེ་རྒྱ་མཚོའི་མཐུན་ཚོགས་ཀྱི་དམིགས་ཡུལ་འགྲེལ་བརྗོད་གནང་བའི་སྐབས་སུ་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་ཆེད་དུ་ཡིན་པ་གསུང་ཡོད་པ་རེད།

XS
SM
MD
LG