ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་རྒྱ་གར་གྱི་སྲིད་བློན་མོ་ཌི་ལ་ཞལ་དཔར་གནང་འཆར་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་གསར་པ་ཌོ་ནོལ་ཁྲ་རམ་གྱིས་སྲིད་འཛིན་གྱི་དམ་འབུལ་གནང་གྲུབ་པའི་ཉིན་གཅིག་གི་རྗེས་རེས་གཟའ་སྤེན་པའི་ཉིན་དངོས་སུ་ལས་དོན་དབུ་འཛུགས་གནང་བའི་སྐབས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁེ་ན་ཌ་དང་ མེག་སི་ཀོའི་འགོ་ཁྲིད་གཉིས་དང་བཀའ་མོལ་གནང་ཡོད་པ་དང་ དེ་རྗེས་རེས་གཟའ་ཉི་མའི་ཉིན་ཨི་སི་རལ་དང་ ཨི་ཇེབ་ཌིའི་འགོ་ཁྲིད་གཉིས་དང་བཀའ་མོལ་གནང་ཡོད་པ་རེད་ ཁོང་གིས་དེ་རྗེས་རྒྱ་གར་གྱི་སྲིད་བློན་མོ་ཌི་དང་བཀའ་མོལ་གནང་འཆར་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG