ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ཟླ་བ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབར་མའི་ཐོག་ཆེད་མངགས་བསྐོ་བཞག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་འབར་མའི་ནང་ཉིན་༡༢་རིང་རྟོག་ཞིབ་ཀྱི་གཟིགས་སྐོར་གནང་སྟེ་ ལྷག་པར་དུ་ཡུལ་་དེའི་ནུབ་ཕྱོགས་མངའ་སྡེ་ར་ཁིན་ནང་དྲག་པོའི་དཔུང་དམག་གིས་ ཡུལ་མི་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་མེད་བརྡལ་བཤིག་ཚབ་ཆེ་བཏང་བས་གནས་ཚུལ་ཐོན་ཡོད་པར་ ཞིབ་འཇུག་གནང་འཆར་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG