ངོ་འཕྲད་བདེ་བའི་དྲ་འབྲེལ།

དུས་འཁོར་དབང་ཆེན་སྐབས་བོད་ཀྱི་གཞས་པ་དང་གཞས་མས་གཞས་ཀྱི་འོད་སྡེར་འགྲེམས་སྤེལ་གནང་ཡོད་པ།


བོད་ཀྱི་གཞས་པ་དང་གཞས་མ་མང་པོ་ཞིག་གིས་གནས་མཆོག་རྡོ་རྗེ་གདན་ལ་གཞས་ཀྱི་ཆེད་བསྒྲིགས་འོད་སྡེར་བརྒྱད་འགྲེམས་སྤེལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་དེང་སྐབས་དུས་འཁོར་དབང་ཆེན་ཐེངས་༣༤ གནང་བའི་སྐབས་དང་བསྟུན་ནས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་ཀྱི་གཞས་པ་དང་གཞས་མ་བརྒྱད་ཀྱིས་རང་ཉིད་ཀྱི་ཆེད་བསྒྲིགས་འོད་སྡེར་འགྲེམས་སྤེལ་གནང་འདུག གསར་དུ་འགྲེམས་སྤེལ་གནངབའི་གཞས་སྣའི་ཁོངས་སུ་སྒོར་གཞས་དང་རྒྱལ་གཅེས་ཀྱི་གཞས། བརྩེ་གདུང་གི་གཞས། བོད་ཀྱི་དམངས་གཞས། དེ་བཞིན་༧གོང་ས་མཆོག་གི་བསྟོད་དབྱངས་སོགས་གཞས་སྣ་མང་པོ་ཡོད་འདུག ཡུ་རོབ་རྒྱལ་ཁབ་སུད་སི་ནང་གནས་འཁོད་ནེ་ལུང་ཚེ་རིང་ སྟོབས་ལྡན་ལགས་ཀྱིས་གངས་ཅན་བོད་ཀྱི་བསྟན་པ་ཞེས་པའི་འོད་སྡེར་ཞིག་དང་། སུད་སི་ནང་གནས་འཁོད་འཇམ་དབྱངས་ཆོས་ལྡན་ལགས་ཀྱིས་འཇམ་དབྱངས་ཞེས་པའི་འོད་སྡེར་ཞིག ཀེ་ན་ཊའི་ནང་གི་པ་སངས་ལྷ་མོ་ལགས་ཀྱིས་བརྩེ་བ་ཞེས་པའི་ཆེད་བསྒྲིགས་འོད་སྡེར་ཞིག་དང་། བལ་ཡུལ་ནང་གནས་སྡོད་གནང་མཁན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་སྐྱབས་གནས་ཞེས་པའི་འོད་སྡེར་ཞིག རྒྱ་གར་རྒྱལ་ས་ལྡི་ནང་གནས་འཁོད་བསོད་ནམས་ཚེ་རིང་ལགས་ཀྱི་ནང་དྲན་བྱུང་ཞེས་པའི་འོད་སྡེར་ཞིག་དང་། བལ་ཡུལ་ནང་གནས་འཁོད་བསོད་གནམ་སྟོབས་ལྡན་ལགས་ཀྱི་ནོར་བུ་བཞུགས་ཡོད་ཅེས་པའི་འོད་སྡེར་ཞིག བལ་ཡུལ་ནང་གནས་འཁོད་བསམ་གྲུབ་ རྡོ་རྗེ་ལགས་ཀྱི་༧གོང་ས་མཆོག་ཅེས་པའི་འོད་སྡེར་དང་། རྒྱ་གར་རྒྱལ་ས་ལྡི་ལི་ནང་གནས་འཁོད་དབང་གྲགས་རྡོ་རྗེ་ལགས་ཀྱི་གཅིག་རེད་ཅེས་པའི་གཞས་སྣ་འོད་སྡེར་ཁྱོན་བརྒྱད་འདོན་སྤེལ་བྱས་ཡོད་པ་རེད།

XS
SM
MD
LG