ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་སང་ཕྱི་དྲོར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཁ་ར་ཁ་སི་རྫོང་གི་དམར་ཤོག་ཚོགས་པའི་ལས་ཁུངས་ཀྱི་ར་དཀྱིལ་ལ་རླངས་འཁོར་བཏང་ནས་རྡུང་ཁ་བརྒྱབ་སྟེ། རླངས་འཁོར་ནང་དུ་འབར་མདེལ་བརྩིགས་ཡོད་པ་རྣམས་གས་འཐོར་སོང་ནས་མི་ལྔ་ལ་སྲོག་སྐྱོན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་རླངས་འཁོར་གྱི་གཏོར་རྒོལ་དེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཞིག་ཡིན་ཞེས་སྐྱོན་འཛུགས་བྱས་ཀྱང་གཏོར་རྒོལ་བྱེད་མཁན་དེ་རྣམས་སུ་སུ་ཡིན་མིན། ཁོ་ཚོས་གཏོར་རྒོལ་བྱེད་དོན་ཅི་ཡིན་སོགས་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད་ཅིང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་སྤྱི་བདེ་མི་སྣར་སྐད་ཆ་དྲིས་ནས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ནས་གཏོར་རྒོལ་པ་གསུམ་བསད་པ་དང་། ཁ་ར་ཁ་སི་རྫོང་གི་ལས་བྱེད་པ་ཞིག་དང་ཉེན་རྟོག་པ་ཞིག་ལའང་སྲོག་སྐྱོན་ཕོག་སོང་། ད་དུང་ཉེན་རྟོག་པ་གསུམ་ལ་རྨས་སྐྱོན་ཕོག་སོག་ཞེས་བཤད་འདུག

XS
SM
MD
LG