ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གོང་ཏུང་ཞིང་ཆེན་གྱི་ཝུའུ་ཁང་གྲོང་འཚོའི་མང་ཚོགས་ཀྱི་འགོ་ཁྲིད་ནས་གཞུང་འཛིན་མི་སྣའི་ས་ཆ་བཙན་འཕྲོག་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་སྣེ་འཁྲིད་མཁན་དགུ་ལ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་ལོ་༡༠ བར་གྱི་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་རེད། ལྷོ་རྒྱ་ནག་གི་ཞོགས་པའི་ཚགས་ཤོག་གིས་གནས་ཚུལ་སྤེལ་དོན་བྱས་ན་༢༠༡༡ལོར་ཝུའུ་ཁང་གྲོང་འཚོའི་ནང་མང་ཚོགས་ཁྲི་ཁྲག་མང་པོ་མཉམ་བཞུགས་བྱས་པའི་བརྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་བྱུང་ནས་རྒྱལ་སྤྱིའི་གསར་འགྱུར་ཐོག་ལ་དོ་སྣང་ཆེན་པོ་བྱེད་ཡུལ་དུ་འགྱུར་རྗེས་མང་ཚོགས་ཀྱི་འདོད་འདུན་ལྟར་འོས་བསྡུའི་ཐོག་ནས་གྲོང་འཚོའི་འགོ་ཁྲིད་འདེམས་རྒྱུར་གཞུང་ནས་ཁས་ལེན་བྱས་པའི་གནས་ཚུལ་བྱུང་རྗེས་ཝུའུ་ཁང་ལ་མང་གཙོའི་གྲོང་འཚོ་ཞེས་འབོད་སྲོལ་བྱུང་ཡོད་ཀྱང་མཐར་མང་ཚོགས་ནས་འོས་འདེམས་བྱས་པའི་གྲོང་འཚོའི་འགོ་ཁྲིད་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པས་རྒྱ་ནག་གི་མང་གཙོའི་རེ་བ་དེ་ཐེ་ཚོམ་དུ་འགྱུར་ཡོད་པ་རེད།

XS
SM
MD
LG