ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་རང་ཡུལ་གྱི་འགྲིམ་འགྲུལ་ལས་ཁང་ཁག་དང་མཁའ་ལམ་ལས་ཁང་ཁག་ལ་རྒྱ་གར་གྱི་ས་ཐོག་ཏུ་ཆབ་སྲིད་ཀྱི་གནད་དོན་ཞིག་འདུག དེར་བརྟེན་ཕྱི་ཟླ་དང་པོའི་ཚེས་༡༠་བར་དུ་རྒྱ་ནག་གི་མཁའ་ལམ་དང་འགྲིམ་འགྲུལ་ལས་ཁང་ཁག་གིས་སྤྱི་དམངས་སྒེར་པ་བལ་ཡུལ་ལ་འགྲུལ་སྐྱོད་བྱེད་པའི་གནམ་གྲུའི་པ་སི་དང་རླངས་འཁོར་སོགས་ཀྱི་པ་སི་བཙོང་མི་ཆོག་ཅེས་བརྡ་ཐོ་བཀྲམ་སྟེ། ད་ལོའི་དགུན་ཁར་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་དོ་ཕོག་ཆེན་པོ་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་རང་གི་སྤྱི་དམངས་རྣམས་གནས་སྐབས་རིང་བལ་ཡུལ་ལ་འགྲུལ་སྐྱོད་བྱ་མི་ཆོག་ཅེས་བཀག་སྡོམ་བྱས་པ་ཡོངས་གྲགས་ཀྱི་དྲ་ལམ་དང་གསར་འགོད་གསལ་བསྒྲགས། ད་དུང་གཞུང་འབྲེལ་གྱི་ཡིག་ཆ་སོགས་ལ་མ་བཀོད་པར་ཐད་ཀར་འགྲིམ་འགྲུལ་ལས་ཁང་ཁག་དང་མཁའ་ལམ་ལས་ཁང་སོ་སོར་བརྡ་ཐོ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག ཉམས་ཞིབ་པ་ཚོས་རྒྱ་གཞུང་གིས་བལ་ཡུལ་ལ་གནས་སྐབས་རིང་འགྲིམ་འགྲུལ་བཀག་པ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་དང་པོའི་ཚེས་༣་ནས་ཚེས་༡༤་བར་དུ་རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་གི་ཡོད་པར་འབྲེལ་བ་ཡོད་པ་དང་། བོད་པ་དང་རྒྱ་ནག་གི་ནང་པ་རྣམས་དུས་འཁོར་དབང་ཆེན་ཞུ་རུ་འགྲོ་རྒྱུ་འགོག་ཐབས་སུ་རྒྱ་ནག་གིས་ཕྱི་ཟླ་དང་པོའི་ཚེས་༡༠་བར་དུ་བལ་ཡུལ་ལ་འགྲིམ་འགྲུལ་བཀག་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG