ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མོན་གོ་ཌིའི་འདོད་རྒུ་གླིང་གི་བོད་མིའི་གཞིས་ཆགས་ལ་མངའ་སྡེ་གཞུང་གིས་ས་ཆ་བོག་མར་གཏོང་རྒྱུའི་གན་རྒྱ་བཞག་པ།



འབྲས་སྤུངས་དགོན་ཕྱག་བཏབ་སྟེ་ལོ་ངོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་འདི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བཙན་བྱོལ་གྱི་འབྲས་སྤྲངས་དགོན་དུ་གནང་ཞིང་། དུས་དེ་དང་སྟབས་བསྟུན་ནས་མོན་གོ་ཌིའི་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་འགོ་འཛིན་ཀརྨ་དོན་གྲུབ་ལགས་དང་རྒྱ་གར་གཞུང་གི་སྐུ་ཚབ་ནས་གཞིས་ཆགས་ཀྱི་ས་ཆ་བོག་མར་གཏོང་རྒྱུའི་གན་རྒྱ་བཞག་ཡོད་པ་རེད།

བཙན་བྱོལ་བོད་མིའི་གཞིས་ཆགས་སུ་ས་ཆ་བོག་མར་གཏོང་རྒྱུའི་གན་རྒྱ་བཞག་ཐུབ་པར་བརྟེན་གཞིས་ཆགས་ཀྱི་ཞིང་པ་ལྔ་བརྒྱ་ལྷག་ཡོད་པ་རྣམས་ལ་མ་འོངས་པར་ལོ་ཉེས་སོགས་ཀྱི་གནོད་འཚེ་བྱུང་ཚེ་མངའ་སྡེའི་འབྲེལ་ཡོད་ཚན་པ་ནས་གུན་གསབ་ཐོབ་རྒྱུའི་ཆ་རྐྱེན་ཚང་གི་ཡོད་པ་གཞིས་ཆགས་ཀྱི་འགོ་འཛིན་ཀརྨ་དོན་གྲུབ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འདི་ལོ་ནི་གཞིས་ཆགས་དེ་བཙུགས་ནས་ལོ་ངོ་༥༠ འཁོར་གྱི་ཡོད་ཅིང་། འདོད་རྒུ་གླིང་གཞིས་ཆགས་ནི་རྒྱ་གར་གཞུང་དང་ས་ཆ་བོག་མར་གཏོང་རྒྱུའི་གྱན་རྒྱ་བཞག་མཁན་བོད་མིའི་གཞིས་ཆགས་ཐོག་མ་དེ་ཆགས་ཡོད་པ་དང་། རྒྱ་གར་དབུས་གཞུང་གིས་སྤྱི་ལོ་༢༠༡༤ ལོ་ནས་བཙན་བྱོལ་བོད་མིར་མཐུན་འགྱུར་གནང་རྒྱུའི་སྲིད་ཇུས་འོག་ནས་ད་ཐེངས་ཀྱི་གན་རྒྱ་འདི་བཞག་ཐུབ་ཡོད་འདུག

XS
SM
MD
LG