ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གཞུང་གིས་མིང་རྫུས་དང་མིང་མེད་ས་ཁང་ཉོ་ཚོང་བཀག་འདོམས་བྱ་རྒྱུ་ཡིན་པ།


རྒྱ་གར་གཞུང་གིས་་བྷི་ན་མི་ཞེས་པའི་མིང་རྫུས་དང་མིང་མེད་ས་ཁང་ཉོ་ཚོང་བྱེད་མཁན་རྩ་མེད་བཟོ་རྒྱུར་འབད་བརྩོན་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པ་དང་། དེ་ནི་རྒྱ་གར་ནང་ཁྲིམས་འགལ་གྱིས་དངུལ་ལོར་འབོར་ཆེན་བདག་ཉར་བྱེད་མཁན་དང་། དངུལ་ལོར་རྫུན་བཟོ་བྱེད་མཁན་ཚོ་བཀག་འགོག་ཐུབ་ཐབས་ལ་ལྔ་བརྒྱའི་ལོར་དང་སྟོང་ལོར་སྤྲོད་ལེན་བྱེད་མི་ཆོག་པ་བཟོས་རྗེས་ལྐོག་ཟ་རུལ་སུངས་མེད་པར་བཟོ་བའི་ཐབས་ཤེས་གསར་པ་ཞིག་ཡིན་པ་རེད། རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷིས་རེས་གཟའ་ཉི་མའི་ཉིན་གྷོ་ཝ་མངའ་སྡེའི་དངུལ་ལོར་རྙིང་པ་སྤྲོད་ལེན་མཚམས་འཇོག་གནང་རྒྱུའི་ཐག་གཅོད་དེ་ཙམ་གྱིས་མཇུག་བསྒྲིལ་གྱི་མེད་པར། བྷི་ན་མི་ས་ཁང་བདག་པོ་ཞེས་པའི་མིང་རྫུས་དང་མིང་མེད་ཀྱི་ས་ཁང་བདག་ཉར་བྱེད་ཀྱི་ཡོད་པ་དེའི་ཐོག་ལས་ཀ་བྱེད་ཀྱི་ཡིན་ཞེས་གསུངས་འདུག བྷི་ན་མི་ས་ཁང་བདག་པོ་ཞེས་པ་དེ་ནི་ས་ཁང་ཉོ་ཚོང་གི་ལས་དོན་རྣམས་མིང་རྫུན་མ་བྲིས་ནས་ཉོ་ཚོང་བྱེད་པ་དང་། ས་ཁང་གང་ཞིག་བདག་པོས་ཤེས་རྟོགས་མེད་པའམ་བདག་དབང་ངོས་ལེན་མ་བྱས་པར་ཉོ་ཚོང་བྱེད་པ། ས་ཁང་ཉོ་རྒྱུར་རིན་བབས་སྤྲོད་མཁན་གྱི་སྐྱེ་བོ་དེ་སུ་ཡིན་ངོ་རྟགས་མ་འཕྲོད་པ་བཅས་ཀྱི་བརྒྱུད་ས་ཁང་ཉོ་ཚོང་བྱེད་ཀྱི་ཡོད་པ་ལ་ཟེར་གྱི་ཡོད་པ་རེད།

XS
SM
MD
LG