ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་ལྟར་ཕྱི་ཟླ་༡༢་པའི་དུས་ཚོད་འདི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ལ་གྲ་སྒྲིག་དང་། ཁྱིམ་ཚང་གི་སྒོ་མཆོར་དང་སྲང་ལམ་ཁག་ཏུ་ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་སྤར་ཏེ། མི་ཚོས་ཕན་ཚུན་ལག་རྟགས་བསྐུར་རེས་དང་ཐུག་འཕྲད་དུ་སྐྱོད་པ། ཚོང་ལས་བྲིན་པོ་དང་ཁྲོམ་ཚོགས་ཆེ་བ། མི་ཚོས་དགའ་སྣང་བྱེད་པའི་དུས་སྐབས་ཁྱད་པར་བ་ཞིག་ཡིན་རུང་། ཕྱི་ཟླ་༡༢་ཚེས་༡༩་ཉིན་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་རྒྱལ་ས་བྷར་ལིན་གྲོང་ཁྱེར་གྱི་འདུ་ལོང་ཆེ་བའི་ཁྲོམ་ས་ཞིག་ཏུ་མི་ཞིག་གིས་མི་ཚོགས་ཁྲོད་དུ་དོ་སྐྱེལ་རླངས་འཁོར་བཏང་སྟེ། མི་༡༢་རླངས་འཁོར་འོག་ཏུ་བརྫིས་ནས་བསད་པ་དང་མི་༥༠་ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཅིང་། འཇར་མན་གཞུང་གིས་རླངས་འཁོར་ཁ་ལོ་བ་སུ་ཞིག་ཡིན་མིན་འཕྲལ་དུ་རྩད་གཅོད་མ་ཐུབ་མོད། འོན་ཀྱང་ཁ་སང་གཟའ་ལྷག་པའི་ཉིན་འཇར་མན་ཎིའི་ཉེན་རྟོག་པ་ཚོས་རླངས་འཁོར་ཁ་ལོ་བ་དེ་ཐུ་ཎི་ཤི་ཡ་ནས་ཡོང་བའི་སྐྱབས་བཅོལ་བ་ཞིག་ཡིན་པའི་དོགས་པ་བྱས་ཏེ། ད་ལྟ་འཇར་མན་ཎི་རྒྱལ་ཡོངས་དང་ཡུ་རོབ་གླིང་དུ་ཨ་ཎི་སི་ཨ་མིར་ཞེས་པའི་མི་ཞིག་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG