ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་མཇུག་བསྒྲིལ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ མོན་གྷོ་འདོད་དགུ་གླིང་དུ་རྟེན་གཞི་བྱས་པ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ལ་སྤྱི་ཚེས་༡༨ནས་༢༠བར་ཉིན་གསུམ་རིང་ནང་ཆོས་དང་ཚན་རིག་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་དེའི་ཐོག་དབུ་བཞུགས་གནང་ཡོད་པ་ལྟར། སྤྱི་ཚེས་༢༠ཉིན་གོང་ཞུས་བགྲོ་གླེང་དེ་མཇུག་བསྒྲིལ་གནང་སྐབས་༧གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་བའི་དུམ་བུ་ཞིག་དང་། དེ་བཞིན་མཁས་པའི་བགྲོ་གླེང་དེའི་ནང་མཉམ་ཞུགས་གནང་མཁན་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ཡེ་ཤེས་ཆོས་འཕེལ་ལགས་སུ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG