ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་རོབ་རྒྱལ་ཁབ་ནོར་ཝེའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་རྒྱ་ནག་དང་ནོར་ཝེ་གཞུང་གིས་ལོ་གཉིས་ཡས་མས་ཤིག་ལ་གྲོས་མོལ་ལྷུག་པོ་བྱས་པ་དང་། ད་ལྟ་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱུང་ཡོད། རྒྱ་ནག་དང་ནོར་ཝེ་གཞུང་གིས་འཕྲལ་དུ་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་ཀྱང་འཇོག་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་ཅིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝ་དབྱིས་ཀྱང་གསར་འགོད་གསལ་བསྒྲགས་ཤིག་ལོགས་སུ་སྤེལ་ཏེ། ཁོང་གིས་རྒྱ་ནག་དང་ནོར་ཝེ་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་ཆེན་པོ་ཞིག་བྱུང་སོང་། ང་ཚོ་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་བྱུང་དོན་ཅི་ཡིན་ནོར་ཝེ་གཞུང་གིས་བསམ་ཞིབ་གཟབ་ནན་བྱས་ཡོད་པ་དང་། ཁོ་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱ་ནག་ལ་འབྲེལ་བ་སླར་གསོ་བྱ་ཐབས་ཀྱི་འབད་བརྩོན་བྱས་སོང་། རྒྱ་ནག་དང་ནོར་ཝེ་གཉིས་ཀས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱ་དགོས་པ་མ་ཟད། ང་ཚོས་འདས་པའི་ཉམས་མྱོང་ལ་གཞིགས་ནས་སློབ་གསོ་ལེན་དགོས་པ་གནད་འགག་ཆེན་པོ་ཡིན་པ་ངོས་ཟིན་ཡོད། འདི་ནི་ནོར་ཝེ་གཞུང་དམངས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ལྟ་ཚུལ་ཡང་དག་པ་ཞིག་ཡིན་ཞེས་བཤད་མོད། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ནོར་ཝེ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་བའི་འགག་རྩ་ལིའུ་ཤའོ་པོ་ལ་ཐུག་ཡོད་པ་མིང་འདོན་ནམ། ཡང་ན་ནོར་ཝེ་དང་རྒྱ་ནག་གཉིས་ཀྱིས་མྱུར་དུ་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་འཆར་ཡོད་མེད་སོགས་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།།

XS
SM
MD
LG