ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

མའེ་སོར་མཐོ་སློབ་ཀྱིས་༧གོང་ས་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར་ཕུལ་པ།


རྒྱ་གར་ལྷོ་ཕྱོགས་མེའི་སོར་གཙུག་ལག་སློབ་གྲྭ་ཆེ་མོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རིག་གནས་མཁས་པའི་ཆེ་བསྟོད་ཕྱག་འཁྱེར་ཕུལ་འདུག་པ་དང་། རྒྱ་གར་ལྷོ་ཕྱོགས་བོད་མིའི་སྒྲིག་འཛུགས་ཀྱིས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གསུངས་དོན་ལ་ གཙུག་ལག་སློབ་གྲྭ་དེའི་བསླབ་མ་མཐར་གསོན་གྱི་མཛད་སྒོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བའི་ནང་སློབ་ཕྲུག་ཚོས་ལོ་མང་སློབ་སྦྱོང་ལ་དཀའ་སྡུག་སྤྱད་རྗེས་བསླབ་པ་མཐར་གསོན་གྱི་ཡོད་པ་དང་། སློབ་སྦྱོང་བྱས་པ་དེ་གཞན་ལ་ཕན་ཐོགས་ཡོད་པ་ཞིག་བྱེད་ཐུབ་ན་དོན་དང་ལྡན་པ་ཡིན་སྐོར་གསུངས་སོང་ཞེས་འགྲེལ་བརྗོད་གནང་གི་འདུག་པ་དང་། མའེ་སོར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ད་ལྟ་བོད་ཕྲུག་ཉིས་བརྒྱ་ལྷག་ཙམ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG