ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་སྤྱི་ཟླ་བདུན་པའི་ནང་ནས་བླ་རུང་སྒར་གྱི་གྲྭ་བཙུན་དང་གྲྭ་ཤག་ཉུང་རུ་གཏོང་ཆེད་གྲྭ་བཙུན་ཕྱིར་ཕུད་དང་གྲྭ་ཤག་བཤིག་པའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ཕྱིར་ཕུད་བཏང་བའི་གྲ་བཙུན་ཚོར་སློབ་སྦྱོང་འཛིན་གྲ་ཞེས་པ་ཡང་ཚོགས་ཡོད། ཡང་གསར་དུ་ཐོན་པའི་གནས་ཚུལ་ནང་དཀར་མཛེས་ཆོས་ལུགས་དོ་དམ་ལས་ཁུངས་ཞེས་པས་མ་འོངས་བླ་རུང་སྒར་དུ་ཆོས་ཞུགས་བྱེད་འདོད་ཡོད་མཁན་སུ་ཡིན་རུང་ཐོག་མར་སྲིད་དོན་ཡིག་རྒྱུགས་སྤྲོད་དགོས་པའི་སྲིད་ཇུས་ཤིག་ཁྱབ་བསྒྲགས་བྱས་སྐོར་གྱི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG