ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་གསར་པ་རྒྱ་ནག་ལ་འཚམས་གཟིགས་ལ་ཕེབས་པ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཆེར་གསར་དུ་འདེམས་ཐོན་བྱུང་བ་ཨོན་ཐོ་ནི་ གྷུ་ཏེ་རིས་རྒྱ་ནག་ལ་ཉིན་གཉིས་ཀྱི་གཟིགས་བསྐོར་ཆེད་པེ་ཅིན་དུ་ཕེབས་འདུག་པ་དང་། རེས་གཟའ་ཟླ་བའི་ཉིན་ཁོང་གིས་གསུངས་དོན་ལ་ སྤྱི་ཁྱབ་དྲུང་ཆེའི་ལས་རྒྱུན་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ལ་སྦྱོང་བརྡར་བཟང་དུ་གཏོང་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བཟང་དུ་གཏོང་རྒྱུར་འདོད་པ་གནང་གི་ཡོད་ཅེས་གསུངས་འདུག སྐུ་ཞབས་གྷུ་ཏེ་རིས་ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་ཐུག་འཕྲད་གནང་རྗེས་གསར་འགོད་པ་ཚོར་གཏམ་བཤད་གནང་བའི་ནང་གསུངས་དོན་ལ་ རྒྱ་ནག་རྒྱལ་ཚོགས་ཀྱི་དཔལ་འབྱོར་ལ་རྒྱབ་སྐྱོར་ཆེ་ཤོས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ནང་འགལ་ཟླ་དང་འཁྲུག་རྩོད་ཡོད་པ་རྣམས་འདུམ་འགྲིགས་བྱ་རྒྱུར་རྒྱ་ནག་གིས་འགན་འཁུར་ཆེ་ཙམ་ལེན་དགོས་ཀྱི་འདུག་ཅེས་གསུངས་འདུག གསར་འགོད་ལྷན་ཚོགས་དེར་ཁོང་གིས་གསུངས་དོན་ལ་ རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་མང་པོ་ཡོད་པ་དེ་དག་དགོས་དོན་གཅིག་འགྱུར་ཐོག་ལས་ཀ་བྱེད་ཐུབ་པ་དང་། ལས་ཀ་གཉིས་ཟློས་མི་ཡོང་བ་བྱེད་རྒྱུ་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་དང་། དེ་དག་གི་ལས་དོན་ལ་རང་དབང་ཅན་གྱི་ཞིབ་དཔྱོད་བྱེད་དགོས་གལ་གཟིགས་ཀྱི་འདུག་ཅེས་གསུངས་འདུག

XS
SM
MD
LG