ངོ་འཕྲད་བདེ་བའི་དྲ་འབྲེལ།

རྡ་རམ་ས་ལར་བོད་མིའི་ཁང་པ་ཞིག་ལ་མེ་སྐྱོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྡ་རམ་ས་ལར་ གློག་ཁྱུད་པའི་རྐྱེན་གྱིས་བོད་མི་རྒན་རྒོན་གཉིས་ཀྱི་ཤིང་ཁང་ལ་མེ་ཤོར་ཏེ་རྩ་མེད་དུ་གྱུར་ཡོད་པ་དང་ ཡིན་ནའང་ སྟབས་ལེགས་པ་ཞིག་ལ་མི་ལ་སྐྱོན་ཆགས་གང་ཡང་བྱུང་མེད་ཅིང་ སྐབས་དེར་རྡ་ས་ས་གནས་ཀྱི་འགོ་འཛིན་སྐུ་ཞབས་ཟླ་བ་རིན་ཆེན་ལགས་རྐྱེན་ངན་བྱུང་ཡུལ་དུ་ཕེབས་ཏེ་འཁུར་ཆེན་པོ་བཞེས་ཡོད་འདུག་ ཁང་ཆུང་དེ་ནི་ བྷག་སུ་ཕྱོགས་སུ་བསྐྱོད་སའི་ལམ་ཕྱོགས་ཀྱི་གཡས་གཡོན་ཞིག་ཏུ་ཡོད་པ་དང་ ཁང་བདག་རྒན་རྒོན་རྣམ་གཉིས་ཀྱིས་ཁང་པ་དེ་མི་གཞན་ལ་གླ་གཡར་བཏང་སྟེ་ ཁང་ཆུང་དེ་ ཚོང་པ་མི་གསུམ་གྱི་ཚོང་ཟོག་འཇོག་སའི་མཛོད་ཁང་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་སྟབས་ དེ་ལ་མེ་སྐྱོན་བྱུང་སྟེ་རྩ་མེད་དུ་གྱུར་བའི་རྐྱེན་གྱིས་ཁོང་རྣམ་པ་ཚང་མར་གྱོང་གུན་ཆེན་པོ་བྱུང་ཡོད་པ་སོགས་ཀྱི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་ བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG