ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྔ་བ་རྫོང་དུ་བུ་མོ་གཞོན་ནུ་མ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེའི་སྐུ་པར་སྣམས་ཏེ་ཞི་རྒོལ་བྱས་ཡོད་པ།



བོད་མདོ་སྨད་རྔ་བ་རྫོང་དུ་ བོད་པའི་བུ་མོ་གཞོན་ནུ་མ་གཉིས་ཀྱིས་བློ་སྟོབས་ཆེན་པོས་ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ ཕྱི་ཟླ་༡༡པའི་ཚེས་༡༥ལྔའི་ཉིན་ རྔ་བ་ཀིརྟི་དགོན་གྱི་ཉེ་འགྲམ་དུ་ བོད་ཆས་གྱོན་པའི་བོད་པའི་བུ་མོ་གཞོན་ནུ་མ་གཉིས་ཀྱིས་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རེ་ལག་གཉིས་ཀྱིས་མཐོན་པོར་བཏེགས་ཏེ་ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ འབོད་ཚིག་སྒྲོགས་བཞིན་པར་ ཞི་འཇམ་གྱི་ངང་སྲང་ལམ་ཐོག་གོམ་བགྲོད་གནང་བཞིན་པའི་བརྙན་པར་ཞིག་ཐོན་ཡོད་འདུག་ རྩ་བའི་ཁོང་གཉིས་ཀྱི་ཞི་རྒོལ་གྱི་ལས་འགུལ་དེའི་སྐོར་གྱི་བརྙན་པར་དེ་བཞིན་ སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ཁག་གི་ཐོག་མི་ཕན་ཚུན་གཏོང་རེས་བྱས་ཏེ་ཁྱབ་གདལ་རྒྱ་ཆེ་འགྲོ་བཞིན་པ་ཡིན་ནའང་ རྒྱ་ནག་གཞུང་གི་དྲག་རྩུབ་ལ་ཇི་མི་སྙམ་པར་ཞི་འདུལ་གྱི་རྣམ་པའི་ཐོག་ནས་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བུ་མོ་གཞོན་ནུ་མ་དེ་གཉིས་སུ་ཡིན་དང་ ཁོང་གཉིས་ཀྱི་མིང་དང་སྐྱེ་ཡུལ་སོགས་ཀྱི་ལོ་རྒྱུས་གསལ་པོ་ཞིག་ད་ལྟ་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད་ ཁོང་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་མེད་སོགས་ ཁོང་གཉིས་ཀྱི་གནས་སྟངས་ཀྱི་སྐོར་ལའང་གནས་ཚུལ་གསལ་པོ་ཞིག་ཤེས་རྟོགས་མིན་འདུག

XS
SM
MD
LG