ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྱིནྶ་ པྲི་བྷས་ཕོ་བྲང་དཀར་པོའི་སྤྱི་ཁྱབ་བཀོད་འདོམས་པར་བསྐོ་གཞག་བྱས་པ།


ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་ཌོ་ནོལ་ཁྲ་རམ་གྱིས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཚོགས་གཙོ་རྱིནྶ་ པྲི་བྷས་ཕོ་བྲང་དཀར་པོའི་སྤྱི་ཁྱབ་བཀོད་འདོམས་པར་བསྐོ་གཞག་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པ་དང་། གྱི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་སྤྱི་ཁྱབ་འགན་འཛིན་སི་ཀྲིཕྷན་ བྷེ་ནོན་ཕོ་བྲང་དཀར་པའི་ཁྲིམས་དོན་སློབ་སྟོན་པ་བགྲེས་པ་དང་ཐབས་བྱུས་གྲོས་དྲི་བར་བསྐོ་གཞག་གནང་རྒྱུའི་གསལ་བསྒྲགས་གནང་འདུག་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཚོགས་གཙོ་རྱིནྶ་ པྲེ་བྷུས་ཕོ་བྲང་དཀར་པོའི་སྤྱི་ཁྱབ་བཀོད་འདོམས་པར་བསྐོ་གཞགས་གནང་བ་དེར་སྲིད་དོན་ཚོགས་པའི་དབུ་ཁྲིད་རིམ་པས་མོས་མཐུན་ཡོད་པ་མ་ཟད། ཁོང་ནི་ཝ་ཤིན་ཌོན་གྱི་ཆབ་སྲིད་ལ་རྒྱུས་མངའ་ཡོད་མཁན་མི་སྣ་ཞིག་བདམས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སྤྱི་མཐུན་ཚོགས་པའི་དབུ་ཁྲིད་རིམ་པ་དང་ཌོ་ནོལ་ཁྲ་རམ་དབར་འབྲེལ་བའི་ཟམ་པ་འཛུགས་མཁན་གཙོ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་སྐུ་ཞབས་སི་ཀྲིཕྷན་ བྷེ་ནོན་ཕོ་བྲང་དཀར་པོའི་ཁྲིམས་དོན་སློབ་སྟོན་པ་བགྲེས་པ་དང་ཐབས་བྱུས་གྲོས་དྲི་བར་བསྐོ་གཞག་གནང་བ་དེར་ཨ་རིའི་ཆབ་སྲིད་དཀྱིལ་འཁོར་ནང་ལབ་གླེང་སྣ་ཚོགས་ཡོང་གི་ཡོད་པ་རེད།

XS
SM
MD
LG