ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་སྲིད་འཛིན་པར་ནཝ་མུ་ཁར་ཇི་བལ་ཡུལ་ནང་འཚམས་གཟིགས་ལ་ཕེབས་པ།


རྒྱ་གར་གྱི་སྲིད་འཛིན་པར་ནཝ་ མུ་ཁར་ཇི་བལ་ཡུལ་ནང་འཚམས་གཟིགས་ཆེད་ད་རིང་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུར་ཕེབས་འབྱོར་གནང་འདུག་པ་དང་། དེ་ཉིན་བལ་ཡུལ་ནང་གཞུང་འབྲེལ་དགུང་གསེང་ལ་གསལ་བསྒྲགས་བྱས་འདུག སྲིད་འཛིན་པར་ནཝ་ མུ་ཁར་ཇི་བལ་ཡུལ་ནང་གཟིགས་བསྐོར་ལ་ཕེབས་པ་དེ་ནི་ལོ་ ༡༨ རྗེས་རྒྱ་གར་གྱི་རྒྱལ་ཁབ་དབུ་ཁྲིད་གཅིག་བལ་ཡུལ་ལ་འཚམས་གཟིགས་ལ་ཕེབས་པ་དང་པོ་ཡིན་པ་རེད། སྲིད་འཛིན་པར་ནཝ་ མུ་ཁར་ཇི་བལ་ཡུལ་ལ་ཉིན་གསུམ་གྱི་འཚམས་གཟིགས་དེ་ནི་གཙོ་ཆེ་མཛའ་འབྲེལ་དང་གནས་གཟིགས་ཆེད་ཕེབས་པ་ཞིག་ཡིན་ནའང་། གཟིགས་བསྐོར་དེས་རྒྱལ་ཁབ་གཉིས་འབྲེལ་ལམ་ལ་བར་ལམ་སྐྱོན་ཆག་བྱུང་ཡོད་པ་དེ་སླར་གསོ་ཐུབ་རྒྱུར་དགེ་མཚན་ཆེན་པོ་ཡོང་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུའི་གནམ་ཐང་དུ་འབྱོར་སྐབས་བལ་ཡུལ་གྱི་སྲིད་འཛིན་བྷི་དྷྱི་་དྷེ་ཝི་ ཀ་མལ་དང་སྲིད་འཛིན་སྐུ་གཞོན་ནནྠ་ ཀི་ཤོར་ པུན་ སྲིད་བློན་པུཤ་པ་ ཀ་མལ་ དྷ་ཧལ་བཅས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་འདུག་པ་དང་། རྒྱལ་ས་ཀཐ་མན་ཌུ་དང་ཉེ་འཁོར་ས་གནས་སུ་བདེ་འཇགས་སྲུང་སྐྱོབ་ཆེད་བདེ་འཇགས་ཉེན་རྟོགས་པ་དང་དམག་མི་སོགས་སྟོང་ཚོ་མང་པོ་འགྲེམས་འཇོག་བྱས་འདུག

XS
SM
MD
LG