ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་དང་རྒྱ་ནག་གི་སྐུ་ཚབ་ཚོས་རྡུལ་ཕྲན་སྐོར་ལ་པེ་ཅིན་ནང་གྲོས་མོལ་བྱས་པ།


རྒྱ་གར་དང་རྒྱ་ནག་གི་རྡུལ་ཕྲན་སྐོར་ལ་མཁས་པའི་མི་སྣ་ཚོས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་གྲོས་མོལ་ལྷན་འཛོམས་གནང་ནས་རྒྱལ་སྤྱིའི་ནང་རྡུལ་ཕྲན་གོ་མཚོན་བཀག་འདོམས་བྱེད་མཁན་སྒྲིག་འཛུགས་ཀྱི་ཚོགས་ཁོངས་སུ་རྒྱ་གར་འཛུལ་ཞུགས་བྱེད་ཕྱོགས་ལ་དོན་ཕན་ལྡན་པའི་གྲོས་བསྡུར་བྱུང་འདུག་པ་དང་། རེས་གཟའ་ཟླ་བའི་ཉིན་པེ་ཅིན་ནང་རྒྱ་ནག་དང་རྒྱ་གར་གྱི་རྡུལ་ཕྲན་སྐོར་ལ་མཁས་པའི་མི་སྣ་ཚོས་གནད་དོན་དེའི་སྐོར་གྲོས་མོལ་སྐོར་ཐེངས་གཉིས་པ་དེ་ཡིན་པ་རེད། ཕྱི་ཟླ་ ༩ ནང་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་ནང་རྒྱལ་ཁབ་གཉིས་རྡུལ་ཕྲན་ལས་དོན་ལ་མཁས་པའི་མི་སྣ་ཚོས་གྲོས་མོལ་ཚོགས་འདུ་དང་པོ་བྱས་ཡོད་པ་དང་། རྒྱ་གར་གྱི་གོ་མཚོན་བཀག་འགོག་དང་རྒྱལ་སྤྱིའི་བདེ་འཇགས་སྐོར་གྱི་འགན་འཛིན་ཨ་མན་དྷིབ་ སིང་དང་རྒྱ་ནག་གི་གོ་མཚོན་ཁྱབ་བརྡལ་འགོག་བསྡོམས་ལས་ཁུངས་ཀྱི་འགན་འཛིན་ཝང་གུན་གཉིས་ད་རིང་པེ་ཅིན་ནང་ཐུགས་འཕྲད་བྱས་འདུག

XS
SM
MD
LG