ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀོ་རི་ཡའི་གླིང་ཟུར་གྱི་བདེ་འཇགས་སྲུང་སྐྱོབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་ཨ་མི་རི་ཀའི་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་ཇཱེམ་སི་ཁེ་ལི་ཕར་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་འཕེལ་རིམ་ལ་ཞིབ་འཇུག་བྱས་ཏེ། ཁོང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ཡོང་ཐབས་མེད་པའི་མཚམས་སུ་སླེབས་ཡོད། ད་ལྟ་ང་ཚོས་བྱང་ཀོ་རི་ཡར་ཞི་དྲག་གཉིས་ཀྱི་གནོན་ཤུགས་ཆེ་རུ་བཏང་ནས་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་རྒྱུ་འགོག་ཐབས་བྱ་དགོས་ཞེས་བཤད་ཅིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཨན་ཐོ་ཎི་བྷི་ལིན་ཁན་གྱིས་དེ་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་དང་། ཁོང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་རྣམས་ལ་ཐུག་འཕྲད་བྱས་ཏེ། ལོ་འདིར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་གཉིས་དང་འཕེན་འཕོག་མེ་ཤུགས་འཕུར་མདེལ་༢༤་ཚོད་ལྟ་བྱས་ཡོད་པ་དང་། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་གསུམ་གྱིས་བྱང་ཀོ་རི་ཡར་གཅིག་གྱུར་གྱི་ཁ་གཏད་སྲིད་ཇུས་ཤིག་འཛིན་རྒྱུའི་གྲོས་བསྡུར་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་གཅིག་གྱུར་སྲིད་ཇུས་དེ་འོད་ཟེར་གྱི་མདའ་རྩེ་ལྟར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཁ་གཏོད་རྒྱུ་ཡིན། ཀིམ་ཇུང་ཨིལ་གྱིས་འགོ་ཁྲིད་པའི་བྱང་ཀོ་རི་ཡའི་དམར་ཤོག་གཞུང་དོན་ཕན་ལྡན་པའི་གྲོས་མོལ་ལ་ཞུགས་དགོས་པ་དང་། ཁོ་ཚོར་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཡིན་ཞེས་བཤད་འདུག

XS
SM
MD
LG