ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བལ་ཡུལ་དུ་གློ་སྒྲིག་འཛུགས་ཀྱི་དུས་དྲན་སྲུང་བརྩི་ཞུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ལོ་༡༩༥༩ལོར་བོད་ལ་དུས་འགྱུར་བྱུང་བའི་རྗེས་སྤྱི་ལོ་༡༩༦༠ལོ་ནས་༡༩༧༤ལོ་བར་བལ་ཡུལ་དང་བོད་ཀྱི་ས་མཚམས་ས་ཁུལ་གློ་སྨན་ཐང་དུ་བོད་མི་ན་གཞོན་སྟོང་ཕྲག་གཉིས་ལྷག་གིས་གློ་སྒྲིག་འཛུགས་ཞེས་པ་བཙུགས་ཏེ་འཇབ་རྒོལ་དང་གསང་ཉུལ་གྱིས་རྒྱ་ནག་ལ་ཕར་རྒོལ་བྱས་ཡོད་པས། རྗེས་ལ་གློ་སྒྲིག་འཛུགས་ཀྱི་མི་རྒྱུད་རྣམས་བལ་ཡུལ་སྤོག་ར་ས་ཁུལ་དུ་བོད་མི་གནས་སྡོད་གཞིས་ཆགས་གསུམ་བཙུགས་ཡོད། ཉེ་ཆར་སྤོག་ར་གློ་སྒྲིག་འཛུགས་བདེ་དོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་གློ་སྒྲིག་འཛུགས་ཀྱི་རྗེས་དྲན་སྲུང་བརྩི་ཐོག་མ་དེ་བྱས་ཡོད་ཅིང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔའ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཆེད་ཕེབས་གནང་ཡོད་པའི་སྐོར་ཞིག་གསན་རོགས།

XS
SM
MD
LG