ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཞུགས་སྒར་རྡ་རམ་སར་ནང་སྲིད་ཁྱབས་ཁོངས་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ལྷན་ཚོགས་ཐེངས་༡༡པ་དེ་དབུ་འཛུགས་གནང་ཡོད་པ་དང་ ཚེས་༡༧ནས་༢༠བར་གྱི་ཚོགས་ཆེན་དེར་ས་གནས་༤༣ གི་སྐུ་ཚབ་ཕེབས་ཡོད་པ་དང་ཚོགས་ཆེན་དབུ་འཛུགས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་དགོངས་པ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་དང་གཞི་ཆགས་སྲ་བརྟན་ཡོང་རྒྱུར་༢༠༡༤ལོར་རྒྱ་གར་གཞུང་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་སྲིད་ཇུས་ཁག་ལག་ལེན་ཐུབ་པ་དགོས་རྒྱུ་དང་ཡང་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་གཞུང་ནས་མ་འོངས་ལོའི་ནང་ཨ་སྒོར་ས་ཡ་༢༣ རོགས་དངུལ་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་བཞིན་འགྲོ་མགྲོན་གཏོང་ཡུལ་ལས་འཆར་སྤེལ་དགོས་པའི་ལམ་སྟོན་སོགས་གནང་ཡོད་པ་རེད། དེའི་སྐོར་ཞིབ་འཕྲ་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ནས་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG