ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་ཚོགས་ཀྱི་མི་སྣ་ཞིག་གཟེངས་རྟགས་ཕུལ་བའི་མཛད་སྒོར་ཕེབས་པར་རྒྱ་ནག་གིས་ཁོང་ཁྲོ་བྱས་ཡོད་པ།


རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤིང་ཅང་གི་ཡུ་གུར་ཁ་ཆེའི་ཐོབ་ཐང་དོན་གཉེར་བ་ཤེས་ཡོན་ཅན་ཨཱི་ལམ་ཏཱོ་ཏཱི་ལ་ ལོ་གཉིས་ཀྱི་གོང་དུ་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་བཅད་བཏང་སྟེ་ ད་ལྟ་བཙོན་འཇུག་འོག་ཡོད་མུས་ཡིན་ཞིང་ རེས་གཟའ་མིག་དམར་ཉིན་ རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་གིས་ཁོང་ལ་གཟེངས་རྟགས་གལ་ཆེན་ཞིག་གནང་བའི་རྟེན་འབྲེལ་གྱི་མཛད་སྒོར་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཕེབས་ཏེ་གཏམ་བཤད་གནང་བར་ རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོ་བྱས་ཡོད་པ་རེད།

XS
SM
MD
LG