ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིལ་ཧམ་དྷོ་དི་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེང་སྐབས་རྒྱ་ནག་གཞུང་གིས་བཙོན་ཁང་དུ་བཅུག་ཡོད་པའི་ཡུ་གུར་པ་ཨིལ་ཧམ་དྷོ་དི་སྔོན་ཆད་པེ་ཅིང་གི་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་ཡིན་པ་དང་། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཞིན་ཅང་ལ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཏེ། ༢༠༡༤་ལོར་རྒྱ་ནག་གཞུང་གིས་ཨིལ་ཧམ་དྷོ་དི་ལ་རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག སྲིད་གཞུང་ལ་སྐྱོན་བརྗོད་དང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་མོད། ཡིན་ནའང་རྒྱལ་སྤྱིའི་ཐོག་ཏུ་ཨིལ་ཧམ་དྷོ་དི་ཡུ་གུར་པ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་བཏང་སྙོམས་ཅན་ཞིག་ལ་ངོས་འཛིན་བྱས་ཏེ། ཁོང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱབ་སྐྱོར་དང་བརྩི་བཀུར་ཆེན་པོ་ཐོབ་ཅིང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་སོགས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅུ་ཐམ་པ་མཉམ་འབྲེལ་གྱིས་ལོ་ལྟར་མར་ཊིན་ཨིན་ནལ་སི་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་སྤྲོད་ཀྱི་ཡོད་པ་དང་། ༢༠༡༦་གི་མར་ཊིན་ཨིན་ནལ་སི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དགེ་རྒན་ཆེན་མོ་ཨིལ་ཧམ་དྷོ་དི་ལ་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།།

XS
SM
MD
LG