ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ།


ཐེ་ཝན་གྱི་སྲིད་འཛིན་ཚས་ཡིང་ཝུན་ནས་འགོ་ཁྲིད་པའི་གཞུང་གིས་རྒྱང་ཐག་འབྲིང་བའི་རྡུལ་ཕྲན་མེ་ཤུགས་འཕུར་མདའ་སྤྲིན་གྱིརྩེ་ཞེས་པ་དེ་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད། མེ་ཤུགས་འཕུར་མདའ་འདི་བཞིན་དེ་སྔའི་སྲིད་འཛིན་ལཱི་ཏེང་ཧུས་་སྐབས་འགོ་བཙུགས་པ་ཞིག་ཡིན་པ་དང་། མེ་ཤུགས་འཕུར་མདའ་དེས་རྒྱ་ནག་གིས་རྒྱལ་ས་པི་ཅིང་དང་ཧྲང་ཧད་བར་སླེབས་ཐུབ་ཀྱི་ཡོད་པ་བཅས་ཀྱི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG