ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་ཚོགས་པ་ཞིག་ཨིན་ཌོ་ནི་ཤྱར་ཕེབས་ཡོད་པ།


དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བྱང་ཆུབ་ཆོས་ལྡན་རིན་པོ་ཆེས་དབུ་ཁྲིད་པའི་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་ཚོགས་པ་ཞིག་ཨིན་ཌོ་ནི་ཤྱིའི་ནང་པའི་གནས་ཆེན་ཁག་ལ་གནས་གཟིགས་ལ་ཕེབས་འདུག་པ་དང་། དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེས་གསུངས་དོན་ལ་ཨིན་ཌོ་ནི་ཤྱིའི་ཡུལ་བསྐོར་སྤྲོ་ཆམ་བློན་ཆེན་ལས་ཁུངས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚབ་ཚོགས་པ་ཞིག་གཏོང་གནང་ཡོང་བའི་མགྲོན་འབོད་བྱུང་བ་བཞིན་དགའ་ལྡན་ཕོ་བྲང་གི་བཀའ་འབྲེལ་འོག་སྐུ་ཚབ་ཚོགས་པ་དེ་ཕེབས་པ་ཞིག་ཡིན་པ་དང་། སྐུ་ཚབ་ཚོགས་པ་དེའི་ནང་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་སྙིང་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་ཡོད་ཅིང་། སྐུ་ཚབ་ཚོགས་པས་ཨིན་ཌོ་ནི་ཤྱིའི་གནས་ཆེན་ཚང་མར་ཕེབས་ནས་སྨོན་ལམ་གསུང་འདོན་གནང་རྒྱུའི་མཚོན་བྱེད་སྒོ་གནང་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་སྐོར་ངོ་སྤྲོད་གནང་ཡོད་ཅེས་གསུངས་ཀྱི་འདུག ཁ་ཆེའི་ཆོས་དད་ཕལ་ཆེ་བའི་རྒྱལ་ཁབ་དེའི་ནང་ལོ་བརྒྱ་ཕྲག་མང་པོའི་གོང་ནང་པའི་ཆོས་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མ་ཟད། སློབ་གཉེར་ཡང་རྒྱ་ཆེར་དར་ཡོད་པ་རེད།

XS
SM
MD
LG