ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་རྒྱ་རིགས་གཙོ་བོ་བྱས་པའི་དད་ལྡན་ཆོས་ཞུ་བར་དབུ་མ་བཞི་བརྒྱ་པའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་ཐེངས་དེའི་གསུང་ཆོས་ནི་ཐའེ་ཝན་ནང་དུ་ཡོད་པའི་བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ཀྱི་གཙོས་རྒྱ་རིགས་ཆོས་ཞུ་བས་ཇི་ལྟར་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་ཉིན་བཞིའི་རིང་ཐའེ་ཝན་དང་ཧོང་ཀོང་རྒྱ་ནག་སྐམ་ས་སོགས་ནས་ཕེབས་པའི་རྒྱ་རིགས་དད་ལྡན་པ་༡༡༠༠ལྷག་དང་རྒྱལ་ཁབ་༦༤ཙམ་ནས་ཕེབས་པའི་ཆོས་ཞུ་བ་༧༠༠༠ལྷག་ལ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་སྐུ་དྲིན་བསྩལ་རྒྱུ་ཡིན་པ་རེད། དེའི་སྐོར་ཞིབ་འཕྲ་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ནས་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG