ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཚེ་ཤིན་དང་ནེ་ཊི་ཨི་སི་དྲ་ལམ་གསར་ཁང་གཉིས་ཀྱིས་ཨ་མི་རི་ཀའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་དང་པོ་རྒྱལ་ཡོངས་སུ་ཐད་གཏོང་བྱས་ཀྱང་རྒྱ་གཞུང་གི་དྲ་རྒྱ་དོ་དམ་པ་ཚོས་དྲ་ལམ་གསར་ཁང་དེ་དག་ལ་ཨ་མི་རི་ཀའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཐད་གཏོང་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཀའ་བཏང་སྟེ། རྒྱ་ནག་གི་དྲ་ལམ་གསར་ཁང་ཆེ་ཁག་གཉིས་ཀྱི་གསར་འགྱུར་དེ་ཐད་གཏོང་ཆ་ཚང་ཞིག་བྱ་ཐུབ་མེད་མོད། ཡིན་ནའང་སི་ན་ཝི་པོ་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱས་ཨ་མི་རི་ཀའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཆ་ཚང་རྒྱ་ནག་མི་དམངས་ལ་ཐད་ཀར་རྒྱང་བསྒྲགས་བྱས་ཤིང་། མི་ཁྲི་ཚོ་༤་ལྷག་གི་ཨ་མི་རི་ཀའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ལ་དགའ་མོས་ཡོད་ཅེས་རྟགས་བརྒྱབ། མི་ཁྲི་ཚོ་༡་དང་སྟོང་ཕྲག་༥་ལྷག་གི་གསར་འགྱུར་དེ་བསྐྱར་དུ་འགྲེམ་སྤེལ་བྱས་པ་དང་། མི་ཁྲི་ཚོ་༡་དང་སྟོང་ཕྲག་༣་ལྷག་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ལ་མཆན་བྲིས་ནས་རང་གི་བསམ་ཚུལ་བརྗོད་ཡོད་པ་རེད།།

XS
SM
MD
LG