ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་མི་ལྕམ་ཧིལ་ལེ་རི་ཀླིན་ཊན་དང་། སྐུ་ཞབས་ཌོ་ནཱལྜ་ཊྲམ་གཉིས་ཀྱིས་གཟའ་ཟླ་བའི་ཕྱི་དྲོ་བགྲོ་གླེང་ཐོག་མ་དེ་གནང་ཡོད་པ་དེའི་སར་ལྕམ་ཀླིན་ཊན་མཆོག་གིས་སྐུ་ཞབས་ཌོ་ནཱལྜ་ཊྲམ་གྱི་སྲིད་བྱུས་ཁ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ་ཁོང་ལ་རང་ཉིད་ཀྱི་ལངས་ཕྱོགས་སྲིད་བྱུས་ཁག་སྲུང་སྐྱོབ་མ་གནང་ཐབས་མེད་བཟོས་གནང་ཡོད་པ་དང་། བགྲོ་གླེང་དང་པོ་དེའི་རྗེས་ཨེ་ཤི་ཡའི་ནང་ལྕམ་ཀླིན་ཊན་ལ་རྒྱབ་སྐྱོར་ཞུ་མཁན་མང་དུ་ཕྱིན་ཡོད་པ་སོགས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG