ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པའི་སྔ་དྲོར་ཨི་སི་རལ་གྱི་སྲིད་འཛིན་དང་སྲིད་བློན་ཟུར་པ་ཤཱི་མིན་ཕེ་རི་སི་རང་ལོ་༩༣་ཐོག་ཏུ་འདས་གྲོངས་སུ་གྱུར་པ་དང་། ༡༩༩༣་ལོར་ཤཱི་མིན་ཕེ་རི་སི་དང་སྐབས་དེའི་ཨི་སི་རལ་གྱི་སྲིད་བློན་ཡི་ཛཀ་ར་བིན། པ་ཀི་སི་ཐན་གྱི་སྲིད་འཛིན་ཡ་ས་ཨ་ར་ཧྥ་ཐེ་བཅས་ཀྱིས་ཨ་རིའི་ཕོ་བྲང་དཀར་པོར་ཨི་སི་རལ་དང་པ་ཀི་སི་ཐན་གྱི་ཞི་བའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཁོང་ཚོར་༡༩༩༤་ལོའི་འཛམ་གླིང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཅིང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཤཱི་མོན་ཕེ་རི་སིས་ཨི་སི་རལ་རྒྱལ་ཁབ་ཀྱི་དོན་སྙིང་མཚོན་ཡོད། ཁོང་གིས་ཨི་སི་རལ་གྱི་རང་བཙན་དང་རྒྱལ་ཁབ་དེའི་མངའ་ཁོངས་ཆེད་དུ་སྲིད་བློན་གྱི་ལས་འགན་ཐེངས་གསུམ་དང་སྲིད་འཛིན། ཨི་སི་རལ་གྱི་སྲིད་གཞུང་རིམ་པ་ཞིག་གི་ནང་དུ་གོ་གནས་སྣ་ཚོགས་ཤིག་བཟུང་སྟེ། འཇིའུ་མི་རིགས་ཀྱི་རྒྱལ་ཁབ་དེར་སྲི་ཞུ་བསྒྲུབས་ཡོད་ཅེས་བསྔགས་བརྗོད་ཚད་མཐོ་བྱས་པ་མ་ཟད། ཨ་རིའི་སྲིད་འཛིན་ཟུར་པ་བྷིལ་ཁེ་ལིན་ཊོན་གྱིས་ཀྱང་ལོ་༢༣་གོང་དུ་ཕོ་བྲང་དཀར་པོར་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། ཉིན་དེར་ཤཱི་མོན་ཕེ་རི་སི་ལ་དགའ་ཚོར་ཅི་ཙམ་བྱུང་མིན་ངས་ནམ་ཡང་བརྗེད་ཐབས་མེད། ཁོང་ནི་མི་རྣམ་དཔྱོད་ལྡན་པའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པ་དང་། ཁོང་གིས་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཞི་བདེ་མཉམ་གནས་བྱས་ཏེ། དཀྱིལ་ཤར་ས་ཁུལ་ལ་འཁྲུག་རྩོད་མེད་པར་དཔལ་འབྱོར་ཡར་རྒྱས་དང་ཞི་བདེ་བརྟན་ལྷིང་། ཨི་སི་རལ་དང་པ་ལི་སི་ཐན་གྱི་སྤྱི་ཚོགས་གཉིས་ཁོང་ཁྲོ་དང་ཞེ་སྡང་འོག་ནས་ཐར་ཐུབ་དགོས་པའི་ཕུགས་འདུན་ཆེན་པོ་ཞིག་བཅངས་ཡོད་ཅེས་གསར་འགོད་གསལ་བསྒྲགས་བྱས་འདུག

XS
SM
MD
LG