ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་རྡ་རམ་ས་ལར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་ཚོགས་ཡོད་ཅིང་། ཚོགས་པ་དེ་ནི་སྤྱི་ལོ་༡༩༩༡ལོར་བོད་ནས་བཙན་བྱོལ་དུ་ཕེབས་པ་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་བོད་ནང་ལས་འགུལ་སྤེལ་བ་ཁག་མུ་མཐུད་རྒྱུན་འཁྱོངས་ཡོང་རྒྱུའི་ཆེད་དུ་དམིགས་ནས་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། སྤྱི་ལོ་༡༩༨༧ལོའི་ཟླ་༩ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཚོས་རྒྱ་གཞུང་གི་སྡུག་རྩུབ་ཆེ་བའི་སྲིད་ཇུས་ཁག་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བ་དེའི་དུས་ཚིགས་དང་སྟབས་བསྟུན་ད་ཐེངས་ཀྱི་ཚོགས་འདུ་སྐོང་ཚོགས་ཞུས་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG