ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

པེ་རིས་གྲོས་མཐུན་ལག་བསྟར་ཐུབ་པའི་བརྒྱུད་རིམ་ལ་ཤུགས་བསྣོན་བརྒྱག་རྒྱུ་ཡིན་པ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་ལས་བྱེད་ཚོས་བརྗོད་དོན་ལ་ ཉུང་མཐར་རྒྱལ་ཁབ་ཉི་ཤུ་ཙམ་གྱིས་པེ་རིས་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་གྲོས་མཐུན་བཞག་ཡོད་པ་དེ་དངོས་སུ་ལག་ལེན་འགེལ་རྒྱུར་མཉམ་ཞུགས་བྱ་རྒྱུའི་ཚོད་དཔག་གནང་གི་ཡོད་ཅེས་གསུངས་འདུག་པ་དང་། བྷྲ་ཛིལ་དང་མེཀསི་ཁོ། ཨར་ཇན་ཊི་ན། མོ་རོ་ཀོ་བཅས་ཀྱིས་རེས་གཟའ་ལྷག་པའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ལ་གྲོས་མཐུན་དེར་ལག་བསྟར་བྱ་རྒྱུར་མོས་མཐུན་ངོས་ལེན་ཐོབ་ཐབས་ཀྱི་བརྒྱུད་རིམ་འགོ་འཛུགས་བྱེད་དགོས་པར་དངོས་གཞིའི་ཡིག་ཆ་རྩིས་སྤྲོད་གནང་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག་པ་དང་། དེ་བཞིན་མཚོ་གླིང་གི་རྒྱལ་ཁབ་ཆུང་རིགས་བཅུ་གྲངས་ཤིག་གིས་གོང་ཞུས་རྒྱལ་ཁབ་དེ་དག་གི་རྗེས་སུ་ཞུགས་རྒྱུ་ཡིན་པ་རེད།

XS
SM
MD
LG