ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

པ་ཀི་སེ་ཏན་ནི་འཇིགས་བསྐུལ་པར་རྒྱབ་སྐྱོར་བྱེད་མཁན་ཞིག་རེད་ཅེས་རྒྱ་གར་གྱི་བློན་ཆེན་གྱིས་གསུངས།


རྒྱ་གར་གྱི་འཛིན་སྐྱོང་འོག་ཡོད་པའི་ཀཤ་མིར་གྱི་ནང་ དྲག་སྤྱོད་པ་ཚོ་ཁག་ཅིག་གིས་རྒྱ་གར་གཞུང་གི་དམག་མིའི་དམག་སྒར་ཞིག་ལ་རེས་གཟའ་ཉི་མའི་ཉིན་ གློ་བུར་དུ་དྲག་རྒོལ་བྱས་ཏེ་ དམག་མི་༡༧བསད་པའི་དོན་རྐྱེན་བྱུང་བའི་རྗེས་སུ་ རྒྱ་གར་གྱི་ནང་སྲིད་བློན་ཆེན་རཱ་ཇི་ནདྷ་ སིང་གིས་ པ་ཀི་སེ་ཏན་ནི་ འཇིགས་བསྐུལ་རིང་ལུགས་པའི་རྟེན་གཞི་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ སྐུ་ཞབས་སིང་གིས་ ད་རེས་ཀྱི་རྒོལ་བརྡུང་དེ་ཁྱིམ་མཚེས་ཡུལ་གྲུ་པ་ཀི་སེ་ཏན་གྱིས་བཏང་བ་ཡིན་པའི་སྐྱོན་འཛུགས་ཐད་ཀར་མ་བྱས་པར་ པ་ཀི་སེ་ཏན་ནི་ འཇིགས་བསྐུལ་རིང་ལུགས་པའི་རྟེན་གཞི་ཡིན་པ་དང་ དེ་ལྟར་ཡིན་པ་ངོས་འཛིན་བྱས་ཏེ་ ཡུལ་དེ་གྲོགས་མེད་ཁེར་རྐྱང་དུ་འཇོག་དགོས་པ་ཡིན་ཞེས་ ཀྲུ་ཝི་ཏྲར་དྲ་རྒྱའི་ཐོག་གཏམ་བཤད་སྤེལ་ཡོད་པ་རེད།

XS
SM
MD
LG