ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་ཕྱི་ཟླ་༩་ཚེས་༡༥་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་ནན་སི་ཕེ་ལོ་སི་དང་། གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མེ་ཁ་ནོ་སོགས་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣ་ཁག་གིས་འབར་མའི་རྒྱལ་སྲིད་སློབ་སྟོན་པ་དང་ཕྱི་སྲིད་བློན་ཆེན་ཨང་སན་སུ་ཅིར་ཐུག་འཕྲད་བྱས་ཏེ། འབར་མའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྒྱུར་བཅོས། ཨ་མི་རི་ཀ་དང་འབར་མའི་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོར་ཨང་སན་སུ་ཅིར་ཐུག་འཕྲད་བྱས་པ་མ་ཟད། ཨ་མི་རི་ཀས་འབར་མ་རྒྱལ་ཁབ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་གཏམ་བཤད་བྱས་པ་དང་། ཨང་སང་སུ་ཅིས་ཨ་རིའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོ་ལའང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་དེ་རྣམས་ཕྱིར་འཐེན་བྱེད་པའི་དུས་ལ་བབས་ཡོད་ཅེས་བཀའ་མོལ་གནང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG