ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་ཐའེ་ཝན་ལ་༧གོང་ས་མཆོག་གདན་ཞུ་རྒྱུར་ཉེན་བརྡ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཐའེ་ཝན་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུ་མི་ཆོག་ཅེས་ཉེན་བརྡ་བཏང་ཡོད་པ་རེད་ དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༡༤ཉིན་ཐའེ་ཝན་གནད་དོན་ཐད་ཀྱི་རྒྱ་ནག་གཞུང་གི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་༧གོང་ས་མཆོག་ནི་ཁ་བྲལ་བའི་ལས་འགུལ་བ་ཞིག་ཡིན་པ་དང་ཐའེ་ཝན་ནང་གི་མི་ཁག་ཅིག་གིས་ཁ་བྲལ་བ་དང་ངན་པ་ལག་སྦྲེལ་བྱེད་ཀྱི་ཡོད་པ་དེས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཚབ་ཆེ་ཡོང་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

གོང་ཞུས་རྒྱ་ནག་གཞུང་གི་འཐེ་ཝན་ལ་ཉེན་བརྡ་དེ་ནི་ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་་མི་གསར་པ་གཞས་པ་སྐད་གྲགས་ཅན་ལིའི་ཌང་ཙོའོ་ནས་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་སྐབས་༧གོང་ས་མཆོག་ཐའེ་ཝན་ལ་གདན་འདྲེན་ཞུས་པ་དང་དེ་ལ་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ནས་རྒྱབ་སྐྱོར་གནང་་བ་དང་འཐེ་ཝན་ཕྱི་སྲིད་བློན་ཆེན་མཆོག་ནས་ཀྱང་ཕྱི་སྲིད་ལྷན་ཁང་ནས་དགའ་བསུ་ཡོད་པའི་རྣམ་འགྱུར་བསྟན་པ་སོགས་ཀྱི་རྗེས་སུ་བྱུང་ཡོད་པ་རེད།

XS
SM
MD
LG