ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་གནམ་དམག་གིས་ལྷོ་ཀོ་རི་ཡར་སྐོར་གཡེང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་བའི་ཟླ་ཤས་ཤིག་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་ལྔ་བྱས་ཏེ། ཁོ་ཚོས་ལྷོ་ཀོ་རི་ཡ་ཨ་མི་རི་ཀའི་རྒྱུག་ཁྱི་ཡིན་པ་དང་། ལྷོ་ཀོ་རི་ཡ་ཐལ་བའི་རྡུལ་དུ་གཏོང་གི་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པས། ཨ་མི་རི་ཀས་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་མི་ཕོད་ཀྱང་ལྷོ་ཀོ་རི་ཡའི་མི་དམངས་གྲས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་གིས་བློ་བདེ་བག་ཕེབས་མེད་པ་ཡོང་གི་ཡོད་ཅིང་། དེར་བརྟེན་ཕྱི་ཟླ་༩་ཚེས་༡༣་ཉིན་རྡུལ་ཕྲན་འབར་མདེལ་འཁྱེར་པའི་ཨ་མི་རི་ཀའི་བྷི་༡་བྷི་རྟགས་ཅན་གྱི་འཐན་འཛིང་གནམ་གྲུ་གཉིས་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་སྐོར་གཡེང་བྱས་ཏེ། ལྷོ་ཀོ་རི་ཡའི་མི་དམངས་ལ་བློ་བདེ་བག་ཕེབས་ཀྱི་བདེ་འཇགས་བསྐྲུན་རྒྱུ་དང་། བྱང་ཀོ་རི་ཡས་རང་ཚོད་མ་བཟུང་བར་ལྷོ་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་སོགས་ཀྱིས་གཏོང་རྒོལ་བྱེད་ཚེ། ཨ་མི་རི་ཀས་བྱང་ཀོ་རི་ཡར་རྒོལ་ལན་སློག་ནས་དམར་ཤོག་རྒྱལ་ཁབ་དེ་རྩ་མེད་གཏོང་རྒྱུའི་བརྡ་གསལ་བོ་ཞིག་བཏང་ཡོད་པ་རེད།།

XS
SM
MD
LG