ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨུ་རུ་སུ་དང་ཨ་རིས་སི་རི་ཡར་མེ་འཕེན་མཚམས་འཇོག་གི་བར་འདུམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་གཟའ་ཟླ་བའི་ཉིན་སི་རི་ཡའི་སྲིད་འཛིན་ཨ་སཏ་རྒྱལ་ས་ཌ་མ་སི་ཁ་གྲོང་ཁྱེར་མཐའ་འཁོར་དུ་ཆགས་པའི་དྷ་ར་ཡ་ཁ་ཆེའི་ལྷ་ཁང་དུ་ཕེབས་ཏེ། ཁོང་ཨིད་ཨལ་ཨ་དྷ་ཆོས་ལུགས་དུས་ཆེན་གྱི་མཛད་སྒོར་ཞུགས་པ་དང་། སྔོན་ཆད་དྷ་ར་ཡ་ས་གནས་དེ་ཉིད་སི་རི་ཡའི་གྱེན་ལོག་པའི་དབང་སྒྱུར་འོག་ཏུ་ཡོད་ཀྱང་ཟླ་བ་སྔོན་མར་སི་རི་ཡའི་གཞུང་དམག་གིས་ས་གནས་དེ་མཐའ་བསྐོར་ནས་གྱེན་ལོག་པ་རྣམས་མཐར་སྐྲོད་བཏང་ཡོད་ཅིང་། ད་ལྟ་ལོ་ལྔའི་ནང་འཁྲུག་གི་རྗེས་སུ་སི་རི་ཡའི་གཞུང་དམག་ལ་ཨུ་རུ་སུ་དང་ཨི་རན་གྱིས་རྒྱབ་སྐྱོར་བྱས་ཏེ། སྲིད་འཛིན་ཨ་སཏ་ཀྱི་གཞུང་དམག་གིས་སི་རི་ཡའི་ཁ་གཏན་གྱེན་ལོག་པ་ཚོར་ཕར་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དང་། སི་རི་ཡའི་གྱེན་ལོག་པ་ཚོར་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག ད་དུང་སོ་ཌི་ཨ་རི་བྷི་ཡ་སོགས་ཀྱིས་རྒྱབ་སྐྱོར་བྱས་ནས་སི་རི་ཡའི་དམག་འཐབ་ཤོག་ཁག་ཚོས་རྒྱལ་ཁབ་དེའི་འཛུགས་སྐྲུན་ཕལ་ཆེ་བ་གཏོར་བཤིག་བཏང་ནས་མི་མང་འབུམ་གཅིག་ལྷག་ལ་སྲོག་སྐྱོན་ཕོག་པ་དང་། སི་རི་ཡའི་མི་མང་ས་ཡ་འགའ་ཞིག་རང་ཁྱིམ་ནས་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་དུ་འགྲོ་དགོས་ཐུག་མོད། འོན་ཀྱང་ད་དུང་ཡང་སི་རི་ཡའི་ནང་འཁྲུག་དེ་ཉིད་མཚམས་ཆད་ནས་རྒྱལ་ཁབ་དེར་ཞི་བདེ་སླར་གསོ་ཡོང་ཐུབ་པའི་རེ་བ་དེ་ཙམ་མེད་པ་རེད།།

XS
SM
MD
LG