ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧྥེ་ལི་ཕིན་དང་ཨ་རི་གཉིས་ཀྱི་སྲིད་འཛིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧྥེ་ལི་ཕིན་སྲིད་འཛིན་གྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཐལ་ཆ་ཆེ་བའི་གཏམ་བཤད་སྤེལ་བ་དེར་འགྱོད་པ་བྱས་ན་ཡང་ལྷོ་ཤར་ཨེ་ཤ་ཡའི་ཚོགས་འདུའི་ཟུར་དུ་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་གནང་རྒྱུའི་གཞུང་འབྲེལ་ལས་འཆར་དེ་ཕྱིར་འཐེན་གནང་འདུག ཡང་ཨ་མེ་རི་ཀའི་ཕྱི་སྲིད་ལྷན་ཁང་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལེ་རི་བཅས་ཀྱིས་ཧྥེ་ལི་ཕིན་སྲིད་འཛིན་གྱིས་ཕན་ཚུན་བརྩི་བཀུར་དགོས་པའི་རྨང་གཞིའི་འོག་ཐུན་མོང་ཐོག་ལས་དོན་སྤེལ་རྒྱུའི་གལ་འགངས་རང་བཞིན་ཤེས་དགོས་ཀྱི་ཡོད་ཅེས་བརྗོད་འདུག རྒྱ་ནག་གིས་ད་ལྟ་དཀའ་རྙོག་ལྡན་པའི་ཁུལ་འདིར་སྟོབས་ཤུགས་རྒྱ་བསྐྱེད་གཏོང་ཐབས་བྱེད་ཀྱི་པས། ཨེ་ཤ་ཡའི་མངའ་ཁུལ་གྱི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རིའི་བར་འགལ་ཟླ་བྱུང་ཚེ་ཁེ་ཕན་ཆེ་ཤོས་འདི་རྒྱ་ནག་ལ་ཡོད་པ་དབྱེ་ཞིབ་ཀྱི་རྩོམ་ཡིག་ཐོག་བཀོད་སྐོར་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG