ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བཙན་བྱོལ་གྱི་སྦིར་སྡེ་ནང་གཞིས་ཆགས་ཚུགས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།


གཟའ་ཟླ་བའི་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་སྦིར་བོད་ཁམས་བཟོ་གཞིས་ཚོགས་པ་འཛུགས་ཏེ་ལོ་ངོ་༥༠འཁོར་བའི་མཛད་སྒོར་གཞིས་ཆགས་ཐོག་མར་གསར་འཛུགས་གནང་མཁན་གཏེར་ཆེན་མཆོག་གྱུར་གླིང་པ་པདྨ་འགྱུར་མེད་རྒྱ་མཚོ་མཆོག་དང་། བྱ་རྒོད་རྣམ་རྒྱལ་རྡོ་རྗེ་མཆོག་དྲན་གསོ་ཞུས་འདུག དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཞིག་གིས། སྦིར་གཞི་ཆགས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གཞི་ཆགས་ཤིག་ཡིན་པ་དང་། ད་ལྟའི་འཆར་གཞིས་ཆགས་ནང་མི་རབས་ལ་འགྱུར་བ་ཕྱིན་ནས་མི་རབས་གཉིས་པ་དང་གསུམ་པའི་མི་འབོར་བརྒྱ་ཆ་༧༠ལྷག་ཟིན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང་། གཞིས་ཆགས་དེའི་གཞོན་སྐྱེས་རྡོ་རྗེ་ཚེ་བརྟན་ལགས་ནི་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཀྱི་འཐུས་མི་ཞིག་དང་བོད་དོན་ལས་འགུལ་བ་ཞིག་རེད། ཁོང་གིས་ལོ་ངོ་༥༠རིང་མི་རབས་རྒན་པས་དཀའ་ལས་བརྒྱབ་སྟེ་གཞིས་ཆགས་འཛུགས་བསྐྲུན་གནང་བར་བཀའ་དྲིན་ཚོར་གྱི་འདུག་ཅེས་བརྗོད་བྱུང་། འབྲེལ་ཡོད་གནས་ཚུལ་རྒྱས་པ་དེ་བསོད་ནམས་གཡང་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG