ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་མི་གཅིག་ལ་ཁྲིམས་ཐག་བཅད་པ་དང་གཞན་ཞིག་གློད་གྲོལ་བཏང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྤྱི་ལོ་༢༠༡༥ལོའི་ཟླ་བ་དགུ་པའི་ནང་རྔ་པའི་སྲང་ལམ་དུ་ཞི་བའི་སྐད་འབོད་གནང་མཁན་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་འགྲོ་ཡི་ཡོད་པ་དང་། ཉེ་ཆར་ཁོང་གི་ནང་མི་ཚོས་རྩད་གཅོད་བྱུང་བ་ལྟར་ན། བློ་བཟང་སྐལ་བཟང་ལགས་ལ་རྒྱ་ནག་གཞུང་གིས་ལོ་གསུམ་གྱི་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་འདུག

དེ་མིན་ཡང་སྤྱི་ལོ་༢༠༠༩ལོར་མདོ་སྨད་རྔ་པ་ཁུལ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཐོག་མ་སྟེ། དགེ་འདུན་པ་བཀྲ་བྷེ་ལགས་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་ངོ་སྤྲོད་བྱས་པའི་ཐོག་ནས་འཛིན་བཟུང་བྱས་པ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱེད་མཁན་གྱི་ཉེས་བཙུགས་འོག་ལོ་བདུན་དང་ཕྱེད་ཀའི་བཙོན་བཅུག་ཁྲིམས་བཅད་བཏང་བའི་འཇམ་དབྱངས་ཕུན་ཚོགས་ལགས་ད་རེས་གློད་གྲོལ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG