ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་ཕན་ཚུན་གཅིག་གིས་གཅིག་ལ་གུས་རྩིས་བྱེད་དགོས་གསུངས་པ།


རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གཉིས་འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁ་ཉི་ཤུའི་ཚོགས་ཆེན་གྱི་ཞོར་དུ་མཇལ་འཕྲད་གནང་འདུག་པ་དང་། དེ་ནི་རྒྱ་གར་རྒྱལ་སྤྱིའི་ནང་རྡུལ་ཕྲན་ཆ་ལག་མཁོ་འདོན་ལྷན་ཚོགས་ཀྱི་ཚོགས་མི་ཆགས་རྒྱུར་རྒྱ་ནག་གིས་འགོག་རྐྱེན་བྱས་རྗེས་མཇལ་འཕྲད་གནང་བ་དང་པོ་ཡིན་པ་རེད། མཇལ་འཕྲད་དེའི་སྐབས་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ལྷིང་ཡོང་བར་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་སེམས་ཚབས་ཡོད་པའི་གནད་དོན་ལ་གུས་རྩིས་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག་པ་དང་། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝི་ཀས་ སྭ་བ་རུཕ་ཀྱིས་དབུ་ཁྲིད་ཀྱི་མཇལ་མོལ་ཚོགས་འདུ་དེ་གྲུབ་རྗེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་དོན་ལ་ སྲིད་བློན་ན་རེན་ཌྲ་ མོ་དྷིས་ རྒྱལ་ཁབ་གཉིས་དབར་ཕུགས་རྒྱང་རིང་བའི་འབྲེལ་བ་ཞིག་དང་། འབྲེལ་བ་དེ་རིམ་བཞིན་ཡར་རྒྱས་ཡོང་རྒྱུ་བཅས་ལ་ཕྱོགས་གཉིས་ཀྱི་རེ་བའི་ཕུགས་བསམ་དང་སེམས་ཚབས་ཀྱི་གནད་དོན། སྲུང་སྐྱོབ་ཀྱི་ཁེ་ཕན་བཅས་ལ་གུས་རྩིས་བྱེད་དགོས་པ་གལ་འགངས་ཆེ་ཤོས་དེ་རེད་ཅེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ལ་གསུངས་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG