ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷར་ཛིལ་རྒྱལ་ཁབ་ཀྱི་སྲིད་འཛིན་གནས་དབྱུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་གཟའ་ལྷག་པའི་ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་གྲོས་ཚོགས་གོང་མས་སྲིད་འཛིན་རོ་སེབ་གནས་དབྱུང་བཏང་སྟེ། འདས་པའི་ཟླ་ཤས་རིང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་དེའི་སྲིད་འཛིན་ལ་ཁྲིམས་བཤེར་བྱས་ནས་སྲིད་འཛིན་ཚོགས་པ་ཁག་ལ་ཕྱོགས་འཐེན་གྱི་འགལ་ཟླ་ཆེན་པོ་བྱུང་བ་མཇུག་བསྒྲིལ་ཡོད་ཅིང་། གྲོས་ཚོགས་གོང་མའི་འཐུས་མི་༦༡་གིས་སྲིད་འཛིན་རོ་སེབ་ལ་ཁྲིམས་གཅོད་བྱ་དགོས་པ་དང་འཐུས་མི་༢༠་ཐམས་པས་ཁྲིམས་གཅོད་བྱ་དགོས་པའི་འོས་ཤོག་འཕངས་ཡོད་པས། བྷར་ཛིལ་རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་དང་པོ་དེས་གཞུང་གཉེར་དངུལ་ཁང་ཁག་ནས་དངུལ་སྒོར་བླངས་ཏེ། ཁོ་མོས་ཁྲིམས་འགལ་ཐོག་ཏུ་སྤྱི་དམངས་ཀྱི་བདེ་དོན་ལས་འཆར་ཁག་ལ་འགྲོ་གྲོན་བཏང་ཡོད་པའི་ནག་ཉེས་བཙུགས་བྱས་པ་དང་། བྷར་ཛིལ་གྱི་གཡོན་ཕྱོགས་ལས་རྩོལ་ཚོགས་པས་ལོ་༡༣་ལ་སྲིད་དབང་བཟུང་བ་མཇུག་བསྒྲིལ་ཡོད་པ་རེད།།

XS
SM
MD
LG