ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་འཐུས་མི་༧༢་ཀྱིས་སྲིད་འཛིན་ཨོ་བྷ་མར་ཕྱག་བྲིས་ཤིག་ཕུལ་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་གནང་རྒྱུར་ཡོངས་བསྒྲགས་ཀྱི་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་དགོས་པ་མ་ཟད། རྒྱ་ནག་གི་བཙོན་འོོག་ཏུ་ཡོད་པའི་བོད་པ་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་ཐུབ་ཐབས་སུ་སྲིད་འཛིན་ཨོ་བྷ་མས་ཕྱག་ལས་གང་ནུས་གནང་དགོས་པའི་འབོད་བསྐུལ་ཞུས་འདུག་ཅིང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷོ་ཝན་གྱིས་རེས་གཟའ་ཕུར་བུའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་པ་དེ་ལ་འཁོད་དོན། གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཨོ་བྷ་མར་རང་གི་སྲིད་འཛིན་གྱི་ལས་དུས་ལྷག་མ་དེའི་རིང་ལ་བོད་དང་བོད་པ་ཚོར་རྒྱབ་སྐྱོར་གྱི་ཕྱག་ལས་གནང་རྒྱུར་ཧུར་སྐྱེད་འཕར་མ་གནང་དགོས་པའི་འབོད་ཞུ་ཡི་ཡོད་། རྒྱབ་སྐྱོར་དེ་ཉིད་ཚིག་ཙམ་མིན་པར་དོན་དངོས་སུ་ལག་ལེན་་འགེལ་ཐུབ་པ་ཞིག་གནང་རྒྱུ་ནི་འགག་རྩ་ཡིན་ཞེས་འགྲེལ་བརྗོད་གནང་འདུག

XS
SM
MD
LG